
38 Blessings of the Maṅgala Sutta Paritta - The Supreme Blessings Sutra
อเสวนา จ พาลานํ ปณฺฑิตานญฺจ เสวนา ปูชา จ ปูชนียานํ เอตมฺมงฺคลมุตฺตมํ. အသေဝနာ စ ဗာလာနံ၊ ပဏ္ဍိတာနဉ္စ သေဝနာ။ ပူဇာ စ ပူဇနီယာနံ၊ ဧတံ မင်္ဂလမုတ္တမံ။ අසේවනා ච බාලානං පණ්ඩිතානඤ්ච සේවනා පූජා ච පූජනීයානං ඒතම්මංගලමුත්තමං. असेवना च बालानं, पण्डितानञ्च सेवना। पूजा च पूजनीयानं, एतं मङ्गलमुत्तमम्॥ 
《吉祥经》汉藏对照 ༄༅།།འཕགས་པ་བཀྲ་ཤིས་པའི་མདོ་རྒྱ་བོད་ཤན་སྦྱོར།
如是我闻,一时,佛住舍卫祗陀园给孤独精舍。时已深夜,有一天神殊胜光明遍照园中,来至佛所,恭敬礼拜,站立一旁,以偈白佛言: སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་ཞིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ།མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་པའི་ཚེ། མཚན་ཞིག་ནམ་གུང་དུ་ལྷ་ཞིག་འོད་ཆེམ་ཆེམ་གྱིས་སྐྱེད་མོས་ཚལ་ཡོངས་སུ་གསལ་བར་བགྱིས་པ། དེ་ནས་བཅོམ་ལྡན་འདས་བཞུགས་ས་ག་ལ་བ་དེར་དོང་སྟེ་ཕྱིན་ནས། གུས་པས་ཕྱག་འཚལ་ཏེ་གུད་དུ་བཞེངས་ནས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་གསོལ་བ།
“众天神与人,渴望得利益, 思虑求幸福,请求最吉祥?” 世尊如是答言: ལྷ་དང་མི་རྣམས་ཐམས་ཅད་ཀྱིས།། ཕན་ཐོབ་སྐོམ་པ་ཆུ་འདོད་ལྟར།། བསམ་གཞིགས་ཀྱིས་ནི་བདེ་སྐྱིད་འཚོལ།། ཀྲ་ཤིས་མཆོག་ནི་དེང་འདིར་སྩོལ།། དེ་ནས་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་བསྩལ་ཏོ།།
勿近愚痴人,应与智者交, 尊敬有德者,是为最吉祥! བླུན་རྨོངས་མི་ལ་བརྟེན་མི་རུང་།། མཁས་པ་རྣམས་དང་འགྲོགས་བྱ་ཞིང་།། བཙུན་པ་དག་ལ་བཀུར་སྟི་བྱ།། འདི་ཀོ་བཀྲ་ཤིས་མཆོག་ཡིན་ནོ།།
居住适宜处,往昔有德行, 置身于正道,是为最吉祥! འཚམས་པོའི་གནས་སུ་འདུག་པར་བྱ།། སྔོན་ཆད་སྐྱེས་བུ་དམ་པ་བཞུད།། ཡང་དག་ལམ་དུ་འཇུག་བྱེད་པ།། འདི་ཀོ་བཀྲ་ཤིས་མཆོག་ཡིན་ནོ།།
多闻工艺精,严持诸禁戒, 言谈悦人心,是为最吉祥! མང་ཐོས་བཟོ་རྩལ་ཤིན་ཏུ་མཁས།། ཚུལ་ཁྲིམས་བརྟུལ་ཞུགས་རབ་ཏུ་གནས།། ཚིག་སྙན་སྨྲས་པས་ཡིད་དབང་འཕྲོག། འདི་ཀོ་བཀྲ་ཤིས་མཆོག་ཡིན་ནོ།།
奉养父母亲,爱护妻与子, 从业要无害,是为最吉祥! ཕ་དང་མ་ལ་སྲི་ཞུ་ཆེ།། བུ་དང་ཆུང་མར་གཅེས་སྐྱོང་ཤིང་།། ལས་ཞུགས་བྱ་གཞག་འཚེ་མེད་པ།། འདི་ཀོ་བཀྲ་ཤིས་མཆོག་ཡིན་ནོ།།
布施好品德,帮助众亲眷, 行为无瑕疵,是为最吉祥! གཏོང་ཕོད་གཤིས་རྒྱུད་རབ་ཏུ་བཟང་།། ཉེ་དུ་དག་ལ་རོགས་རམ་བྱ།། བྱ་སྤྱོད་རྣམས་ནི་ལྷད་དང་བྲལ།། འདི་ཀོ་བཀྲ་ཤིས་མཆོག་ཡིན་ནོ།།
邪行须禁止,克己不饮酒, 美德坚不移,是为最吉祥! ལོག་པའི་སྤྱོད་པ་རབ་ཏུ་སྡོམས།། བདག་ཉིད་བཅུན་སྟེ་ཆང་མི་བཏུང་།། སྤྱོད་ཚུལ་བཟང་བོ་འགྱུར་མེད་པ།། འདི་ཀོ་བཀྲ་ཤིས་མཆོག་ཡིན་ནོ།། 恭敬与谦让,知足并感恩, 及时闻教法,是为最吉祥! བརྩི་བཀུར་དང་ནི་ཁེངས་ཆུང་བྱ།། ཆོག་ཤེས་དང་སྦྲགས་དྲིན་ལན་སོབས།། གོ་སྐབས་བཟུང་ནས་དམ་ཆོས་ཉོན།། འདི་ཀོ་བཀྲ་ཤིས་མཆོག་ཡིན་ནོ།།
忍耐与顺从,得见众沙门, 适时论信仰,是为最吉祥! བཟོད་པ་སྒོམས་དང་ཁར་ཉན་པ།། དགེ་སྦྱོང་རྣམས་དང་འཕྲད་ཙ་ན།། རན་ཚེ་དད་པའི་གླེང་མོལ་བྱ།། འདི་ཀོ་བཀྲ་ཤིས་མཆོག་ཡིན་ནོ།།
自治净生活,领悟八正道, 实证涅槃法,是为最吉祥! རང་སྦྱོང་འཚོ་བ་རྣམ་དག་བྱ།། འཕགས་ལམ་ཡན་ལག་བརྒྱད་རྟོགས་ནས།། མྱང་འདས་ཆོས་ནི་མངོན་དུ་འགྱུར།། འདི་ཀོ་བཀྲ་ཤིས་མཆོག་ཡིན་ནོ།།
八风不动心,无忧无污染, 宁静无烦恼,是为最吉祥! ཆོས་བརྒྱད་རླུང་གིས་སེམས་མི་གཡོ།། དྲི་མེད་མ་གོས་སྐྱོ་དང་བྲལ།། རྣམ་རྟོག་གིས་དབེན་ཉོན་མོངས་འཇིལ།། འདི་ཀོ་བཀྲ་ཤིས་མཆོག་ཡིན་ནོ།།
依此行持者,无往而不胜, 一切处得福,是为最吉祥! འདི་ལྟར་ཉམས་སུ་ལེན་མཁན་རྣམས།། བྱ་གཞག་གང་བགྱིད་མི་རྒྱལ་མེད།། གང་ས་གང་དུ་བསོད་ནམས་ཐོབ།། འདི་ཀོ་བཀྲ་ཤིས་མཆོག་ཡིན་ནོ།། 
此版藏文《吉祥经》是由华锐•罗桑嘉措译自汉文版。翻译时间为公元2016年腊月初一日,地点拉卜楞寺。 ཞེས་འཕགས་པ་བཀྲ་ཤིས་པའི་མདོ་རྫོགས་སོ།། དཔའ་རིས་བློ་བཟང་རྒྱ་མཚོས་ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་ནས་ལུགས་རྙིང་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་ལ་གུས་པས་བསྒྱུར་ཏོ།། 资料来源:格鲁网|འཕགས་པ་བཀྲ་ཤིས་པའི་མདོ་རྒྱ་བོད་ཤན་སྦྱོར།(吉祥经汉藏对照) 关于《吉祥经》:《吉祥经》(Mangala Sutta)是南传佛教最具代表性经典之一,在东南亚南传佛教地区广为流行,它收录于巴利文三藏小部《小诵经》中。藏文大藏经《甘珠尔》收录了该经的藏译本,名为 《大吉祥经》(༄༅།།བཀྲ་ཤིས་ཆེན་པོའི་མདོ།)。 


|